您的位置: 网站首页 >> 政民互动 >> 民生关注 >> 正文

西藏自治区阿里地区措勤县城区清洁能源集中供暖缴费的公告

发布日期:2025-11-02     资料来源:措勤县住房和城乡建设局      点击数:次    【字体:

打印分享到:

尊敬的广大采暖用户:

根据《中华人民共和国民法典》、《西藏自治区阿里地区措勤县城区清洁能源集中供暖试点项目特许经营协议》、《措勤县县城集中供暖取费标准定价会会议文件》等相关法律法规和协议,就措勤县城区供暖相关事宜公告如下:


一、供暖时间

供暖时间为2025年10月1日---2026年5月1日,供暖天数为213天。若有调整,以政府通知为准。

二、收费标准(采暖建筑面积*缴费单价)

缴费单价为:

1、城镇居民(普通住户、低收入群体)为10元/平方米·供暖季。

2、县直机关单位办公场所(学校、医院、五保供养中心)为88.84元/平方米·供暖季。

3、地(直)单位、部队、国(央)企单位办公场所及干部职工为88.84元/平方米·供暖季。

4、县直单位干部职工(含离退休干部)为45元/平方米·供暖季。

5、经营性用房为88.84元/平方米·供暖季。

三、缴费时间

2026年1月1日前缴纳2024-2025供暖季供暖费,2026年1月1日至2026年1月31日缴纳2025-2026供暖季供暖费,用户可同时缴纳两个供暖季供暖费。

四、缴费方式

1、供暖收费处地址:西藏自治区阿里地区措勤县索康路1公里处(原热源厂)供暖收费处。

2、营业时间:24小时。

3、缴费方式:现金支付、二维码扫码支付、转账支付。

4、本公司未委托任何第三方代收供暖费,谨防诈骗。

五、票据凭证

采暖用户若需要发票,可携带缴费凭证到供暖收费处窗口申请开具。请广大采暖用户及时缴费,确保供暖工作顺利开展。

特此公告

客服热线:0897-2703590



措勤日出东方清洁能源有限公司

2025年11月1日

བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་བསྡུས་དྲོད་རླངས་མཁོ་འདོན་གྱི་

གྲོན་དངུལ་བསྡུ་བའི་སྤྱི་བསྒྲགས།

གུས་ཤིང་བརྩེ་བའི་རྒྱ་ཆེའི་དྲོད་རླངས་བེད་སྤྱོད་བྱེད་པའི་གྲོང་མི་རྣམས་ལ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས་དང་།》 《བོད་རང་སྐྱོང་ལྗོངས་མངའ་རིས་་ས་ཁུལ་མཚོ་ཆེན་རྫོང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་ཀྱི་དམིགས་བསལ་ཆོག་མཆན་གཉེར་སྐྱོང་གྲོས་མཐུན》 《མཚོ་ཆེན་རྫོང་གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་བསྡུ་བའི་ཚད་གཞིའི་རིན་གོང་གཏན་འཁེལ་ཚོགས་འདུའི་ཐོག་གི་ཡིག་ཆ》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་གྲོས་མཐུན་ལྟར། མཚོ་ཆེན་རྫོང་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་འབྲེལ་ཡོད་དོན་དག་སྐོར་སྤྱི་བསྒྲགས་གཤམ་གསལ་ལྟར།

དང་པོ།  དྲོད་རླངས་མཁོ་འདོན་དུས་ཚོད།

དྲོད་རླངས་མཁོ་འདོན་དུས་ཚོད་ནི་2025ལོའི་ཟླ10པའི་ཚེས་1ཉིན་ནས་2026ལོའི་ཟླ་5པའི་ཚེས་1བར་ཡིན་ཞིང་དུས་ཡུན་ཉིན་གྲངས་213ཡིན། གལ་ཏེ་འགྱུརལྡོག་ཡོད་ན། སྲིད་གཞུང་གི་བརྡ་ཐོ་ཚད་གཞིར་འཛིན་དགོས།

གཉིས་པ གྲོན་དངུལ་བསྡུ་བའི་ཚད་གཞི

(དྲོད་རླངས་མཁོ་འདོན་བྱེད་པའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་×རིན་གོང་རྐྱང་མ)རིན་གོང་རྐྱང་མའི་ཚད་གཞི་ནི།

(1)གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་(སྤྱིར་བཏང་གི་ཁྱིམ་དུད་དང་ཡོང་འབབ་དམའ་བའི་མི་ཚོགས)ནི་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ནང་སྨི་ངོས་གྲུ་རེར་སྒོར་10ཡིན།  

(2)རྫོང་ཐད་གཏོགས་ལས་ཁུངས་སྡེ་ཚན་གྱི་གཞུང་ལས་ཁང་(སློབ་གྲྭ་དང་། སྨན་ཁང་། ལྔ་སྲུང་རྒན་གསོ་ལྟེ་གནས་)ནི་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ནང་སྨི་ངོས་གྲུ་རེར་སྒོར་88.84ཡིན།

(3)ས་ཁུལ(ཐད་གཏོགས)སྡེ་ཚན་དང་། དཔུང་སྡེ། རྒྱལ་ཁུངས(ཀྲུང་དབྱང)ཁེ་ལས་སྡེ་ཚན་གྱི་གཞུང་ལས་ཁང་དང་དེ་བཞིན་ལས་བྱེད་པ་དང་ལས་བཟོ་ལ་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ནང་སྨི་ངོས་གྲུ་རེར་སྒོར་88.84ཡིན།

(4)རྫོང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པ་དང་(ལས་འཁྱུར་ངལ་གསོའི་ལས་བྱེད་པ་ཚུད་པ)ལ་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ནང་སྨི་ངོས་གྲུ་རེར་སྒོར་45ཡིན།

(5)ཁེ་ལས་རང་བཞིན་གྱི་ཁང་པ་ནི་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ནང་སྨི་ངོས་གྲུ་རེར་སྒོར་88.84བཅས་ཡིན།

གསུམ་པ  གྲོན་དངུལ་སྤྲོད་པའི་དུས་ཚོད།

2026ལོའི་ཟླ་1ཚེས་1ཉིན་གོང་དུ་2024ལོ་ནས་2025ལོའི་བར་གྱི་དྲོད་རླངས་མཁོ་འདོན་དུས་ཚིགས་ཀྱི་གྲོན་དངུལ་སྤྲོད་རྒྱུ་དང་། 2026ལོའི་ཟླ་1ཚེས་1ཉིན་ཚེས་31བར་དུ་2025ལོ་ནས་2026ལོའི་བར་གྱི་དྲོད་རླངས་མཁོ་འདོན་དུས་ཚིགས་ཀྱི་གྲོན་དངུལ་སྤྲོད་རྒྱུ། དྲོད་རླངས་མཁོ་འདོན་བེད་སྤྱོད་བྱེད་མཁན་གྱིས་དུས་ཚིགས་གཉིས་ཀྱི་དྲོད་རླངས་མཁོ་འདོན་གྲོན་དངུལ་དུས་མཉམ་དུ་སྤྲོད་ཆོག

བཞི་པ གྲོན་དངུལ་སྤྲོད་སྟངས།

1.དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་བསྡུ་སའི་ས་གནས་ནི། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སོ་ཁང་ལམ་གྱི་སྤྱི་ལེ་1ཡི་མཚམས་(དེ་སྔའི་དྲོད་རླངས་མཁོ་འདོན་བཟོ་གྲྭ)སུ་དྲོད་རླངས་མཁོ་འདོན་གྲོན་དངུལ་བསྡུ་ས་ཡིན།

2.ལས་གཉེར་གྱི་དུས་ཚོད་ནི་ཆུ་ཚོད་24ཡིན།

3.གྲོན་དངུལ་སྤྲོད་སྟངས་ནི། དངུལ་སྨར་སྤྲོད་རྒྱུ་དང་། རྩ་གཉིས་ཨང་རྟགས་ཀྱི་ཨང་རྟགས་བཤེར་ནས་སྤྲོད་རྒྱུ། དངུལ་བསྒྱུར་བྱས་ནས་སྤྲོད་རྒྱུ།

4.ཀུང་སི་འདིས་ཕྱོགས་གསུམ་པར་དྲོད་རླངས་མཁོ་འདོན་གྲོན་དངུལ་ཚབ་ལེན་བྱ་རྒྱུའི་མངགས་བཅོལ་བྱས་མེད་པས། ཁ་བསླུས་ལ་སྔོན་འགོག་བྱ་དགོས།

  ལྔ་པ། འཛིན་ཤོག་དཔང་ཡིག

དྲོད་རླངས་སྤྱོད་མཁན་ལ་གལ་ཏེ་འཛིན་ཤོག་དགོས་ཚེ། གྲོན་དངུལ་བསྡུས་པའི་དཔང་ཡིག་འཁྱེར་ནས་དྲོད་རླངས་མཁོ་འདོན་གྲོན་དངུལ་བསྡུའི་ཁུལ་གྱི་སྒེའུ་ཁུང་དུ་འཛིན་ཤོག་སྤྲོད་པའི་རེ་ཞུ་བྱས་ཆོག

རྒྱ་ཆེའི་དྲོད་རླངས་སྤྱོད་མཁན་གྱི་དུས་ཐོག་ཏུ་གྲོན་དངུལ་སྤྲོད་ནས་དྲོད་གཏོང་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་གནང་རོགས།

ཆེད་དུ་སྤྱི་བསྒྲགས་བྱས་པར།

ཞབས་ཞུའི་ཐད་སྦྲེལ་ཁ་པར།     0897-2703590



མཚོ་ཆེན་རྫོང་ཉི་ཤར་ཤར་ཕྱོགས་ནུས་ཁུངས་གཙང་མའི་ཚད་ཡོད་ཀུང་སི་ནས།

2025ལོའི་ཟླ་11པའི་ཚེས་1ཉིན༎