您的位置: 网站首页 >> 政民互动 >> 民生关注 >> 正文

关于将《边境通行证》办理权限下放至派出所的公告

发布日期:2025-10-30     资料来源:      点击数:次    【字体:

打印分享到:

关于将《边境通行证》办理权限下放至派出所的公告

为深化推进“放管服”改革,进一步提升便民服务水平,切实满足群众办理通行证的实际需求,让群众“少跑腿、好办事”,以实际行动回应新形势下人民群众对公安工作的新期待、新要求,措勤县公安局将边境通行证办理权限下放至派出所,自2025年10月28日起,我县达雄乡、磁石乡、曲洛乡需要办理边境通行证的群众,可以直接到辖区派出所办理《边境通行证》。

一、办证地点

措勤县公安局达雄乡派出所

措勤县公安局磁石乡派出所

措勤县公安局曲洛乡派出所

措勤县政府服务大厅公安办证窗口

二、办证时间

工作日:

夏季 上午10:00至13:00

下午16:00至18:30

冬季 上午10:30至13:00

下午16:00至18:30

三、办证材料

办理《边境管理区通行证》不收取任何费用。办证所需材料:我区居民持本人有效身份证件即可申请办理《边境管理区通行证》;区外群众需持本人有效身份证件和“无犯罪记录证明”,到办证点填写《边境通行证申请表》即可办理。

措勤县公安局

2025年10月29日

མཐའ་མཚམས་ལམ་ཡིག་གཉེར་སྒྲུབ་བྱ་རྒྱུའི་དབང་ཆ་མངག་གཏོང་ཁང་ལ་སྤྲོད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་དམངས་བདེ་ཞབས་ཞུའི་ཆུ་ཚད་སྔར་བས་ལེགས་སུ་གཏོང་རྒྱུ། དེ་བཞིན་མང་ཚོགས་ཀྱི་མཐའ་མཚམས་ལམ་ཡིག་གཉེར་སྒྲུབ་བྱ་རྒྱུའི་དགོས་མཁོ་ཏན་ཏིག་ངང་སྐོང་ཐུབ་པ་དང་མང་ཚོགས་“ཕར་རྒྱུག་ཚུར་རྒྱུག་ཉུང་བ་དང་དོན་དག་བསྒྲུབ་བདེ་བ” བཅས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་དུས་བབ་གསར་པའི་འོག་མི་དམངས་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་འདོན་པའི་རེ་སྒུག་གསར་པ་དང་བླང་བྱ་གསར་པར་བརྡ་ལན་གསལ་པོ་བཅས་ཡོང་ཆེད། མཚོ་ཆེན་རྫོང་སྤྱི་བདེ་ཅུད་ཀྱིས་མཐའ་མཚམས་ལམ་ཡིག་གཉེར་སྒྲུབ་བྱ་རྒྱུའི་དབང་ཆ་  མངག་གཏོང་ཁང་ལ་སྤྲོད་རྒྱུ་སྟེ། 2025ལོའི་ཟླ་10པའི་ཚེས་27ཉིན་ནས་བཟུང་། རང་རྫོང་གི་ཟླ་གཞུང་ཤང་དང་ཚེ་ཧྲེ་ཤང་། ཆུ་ལྷོ་ཤང་བཅས་ཀྱི་མཐའ་མཚམས་ལམ་ཡིག་གཉེར་སྒྲུབ་བྱ་རྒྱུའི་དགོས་མཁོ་ཡོད་པའི་མང་ཚོགས་ཐད་ཀར་རང་ཤང་མངའ་ཁོངས་སྤྱི་བདེ་མངག་གཏོང་ཁང་དུ་《མཐའ་མཚམས་ལམ་ཡིག》གཉེར་སྒྲུབ་བྱས་ཆོག

གཅིག གཉེར་སྒྲུབ་བྱེད་སའི་ས་གནས།

མཚོ་ཆེན་རྫོང་སྤྱི་བདེ་ཅུད་ཟླ་གཞུང་ཤང་མངག་གཏོང་ཁང་།

མཚོ་ཆེན་རྫོང་སྤྱི་བདེ་ཅུད་ཚེ་ཧྲེ་ཤང་མངག་གཏོང་ཁང་།

མཚོ་ཆེན་རྫོང་སྤྱི་བདེ་ཅུད་ཆུ་ལྷོ་ཤང་མངག་གཏོང་ཁང་།

མཚོ་ཆེན་རྫོང་སྲིད་གཞུང་ཞབས་ཞུའི་ཚོམས་ཆེན་སྤྱི་བདེ་ལག་ཁྱེར་མཉེར་སྒྲུབ་སྒེའུ་

གཉིས། གཉེར་སྒྲུབ་བྱེད་པའི་དུས་ཚོད།

ལས་ཀའི་ཉིན་མོ།

དབྱར་དུས། སྔ་དྲོའི་ཆུ་ཚོད་ 10:00 ནས་13:00བར།

ཕྱི་དྲོའི་ཆུ་ཚོད་16:00ནས་ 18:30བར་ཡིན།

དགུན་དུས། སྔ་དྲོའི་ཆུ་ཚོད་ 10:30 ནས་13:00བར།

ཕྱི་དྲོའི་ཆུ་ཚོད་16:00ནས་ 18:30བར་ཡིན།

གསུམ། ལག་ཁྱེར་སྤྲོད་པའི་ཡིག་རིགས།

《མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག》གཉེར་བར་གྲོན་དངུལ་གང་ཡང་མི་བསྡུ། ལག་ཁྱེར་གཉེར་བར་མཁོ་བའི་དཔྱད་གཞིའི་ཡིག་རིགས་ནི། རང་ཁུལ་གྱི་གྲོང་མིའི་རང་ཉིད་ཀྱི་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་《མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག》གཉེར་རྒྱུའི་རེ་ཞུ་བྱེད་ཐུབ། ས་ཁུལ་གཞན་གྱི་མང་ཚོགས་ཀྱིས་རང་ཉིད་ཀྱི་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་དང“ཉེས་གསོག་ཟིན་ཐོ་མེད་པའི་དཔང་རྟགས”ཁྱེར་ནས་ལག་ཁྱེར་གཉེར་སར་སོང་ནས《མཐའ་མཚམས་ལམ་ཡིག་རེ་ཞུའི་རེའུ་མིག》བྲིས་ན་འགྲིག་གི་ཡོད།

མཚོ་ཆེན་རྫོང་སྤྱི་བདེ་ཅུད་ནས།

སྤྱི་ལོ་2025ལོའི་ཟླ་10པའི་ཚེས་29ཉིན།